ཆོས་ཉིད་ཡེ་ཤེས་ཀློང་ཡངས་ནས། །
གདུལ་བྱའི་ཆེད་དུ་སྤྲུལ་པའི་སྐུ། །
བསླུ་མེད་ལམ་སྟོན་དགེ་བའི་བཤེས། །
རྗེ་བཙུན་བླ་མའི་ཞབས་ལ་འདུད། །
གངས་སྟོད་སེངྒེ་དཀར་མོ་ཁྱོད། །
རང་སེམས་གངས་དཀར་རི་བོ་ལ། །
རྟེན་འབྱུང་ཁ་བ་འཚུབ་པའི་ཁྲོད། །
སྤྲོས་བྲལ་གཡུར་རལ་ངོམ་ཤེས་སམ། །
འཇིག་རྟེན་ཆོས་བརྒྱད་ལ་ཞེན་ནས། །
སེམས་ཅན་དོན་ལ་སུན་སྣང་དང་། །
ལྟ་ལོག་ལམ་ཕྱོགས་ངན་པ་ལ། །
བློ་སྣ་འགོག་པའི་ཐབས་ཤེས་སམ། །
བྲག་སྟོད་ཐང་དཀར་རྒན་པོ་ཁྱོད། །
བཅོས་མེད་རང་སེམས་གཉུག་མ་ལ། །
སྟོང་ཉིད་གཤོག་སྒྲོ་རྒྱས་པ་དང་། །
འོད་གསལ་དབྱིངས་སུ་ལྡིང་ཤེས་སམ། །
རྣམ་རྟོག་གྲོང་ཁྱེར་འཁྲུག་པོ་ལ། །
ཆགས་སྡང་རྟ་རྒྱུག་མི་བསྐོར་བ། །
བསྐྱེད་རིམ་ལྷ་ཡི་ཞིང་ཁམས་སུ། །
དགའ་བཞིའི་བདེ་བར་རོལ་ཤེས་སམ། །
མཚོ་ཐོག་གསེར་ཉ་སེར་པོ་ཁྱོད། །
རང་སྣང་སྒྱུ་མའི་རྒྱ་མཚོ་རུ། །
གཏད་མེད་རིག་པ་གསལ་བ་དང་། །
ཟུང་འཇུག་བདེ་བར་མྱོང་ཤེས་སམ་། །
སྡུག་བདེན་ལས་གྲུབ་ཕུང་པོ་འདི། །
འཁོར་བའི་འདམ་དུ་ལྷུང་ན་ཡང་། །
དུག་གསུམ་ཆུ་བོ་མི་འཐུང་བ། །
དམ་ཆོས་བདུད་རྩི་རོལ་ཤེས་སམ། །
ནགས་ཀྱི་རྒྱ་སྟག་ཁྲ་བོ་ཁྱོད། །ལྟ་ལོག་ལམ་ཕྱོགས་ངན་པ་ལ། །
བློ་སྣ་འགོག་པའི་ཐབས་ཤེས་སམ། །
བྲག་སྟོད་ཐང་དཀར་རྒན་པོ་ཁྱོད། །
བཅོས་མེད་རང་སེམས་གཉུག་མ་ལ། །
སྟོང་ཉིད་གཤོག་སྒྲོ་རྒྱས་པ་དང་། །
འོད་གསལ་དབྱིངས་སུ་ལྡིང་ཤེས་སམ། །
རྣམ་རྟོག་གྲོང་ཁྱེར་འཁྲུག་པོ་ལ། །
ཆགས་སྡང་རྟ་རྒྱུག་མི་བསྐོར་བ། །
བསྐྱེད་རིམ་ལྷ་ཡི་ཞིང་ཁམས་སུ། །
དགའ་བཞིའི་བདེ་བར་རོལ་ཤེས་སམ། །
མཚོ་ཐོག་གསེར་ཉ་སེར་པོ་ཁྱོད། །
རང་སྣང་སྒྱུ་མའི་རྒྱ་མཚོ་རུ། །
གཏད་མེད་རིག་པ་གསལ་བ་དང་། །
ཟུང་འཇུག་བདེ་བར་མྱོང་ཤེས་སམ་། །
སྡུག་བདེན་ལས་གྲུབ་ཕུང་པོ་འདི། །
འཁོར་བའི་འདམ་དུ་ལྷུང་ན་ཡང་། །
དུག་གསུམ་ཆུ་བོ་མི་འཐུང་བ། །
དམ་ཆོས་བདུད་རྩི་རོལ་ཤེས་སམ། །
མན་ངག་ཚང་ཚིང་ཐུམ་པོ་རུ། །
ཕྱག་ཆེན་ལྟ་བ་བཀྲ་བའི་ཚེ། །
བདེ་སྟོང་སྣང་བར་ངོ་ཤེས་སམ། །
སྣང་རྟོག་འཁྲུག་པའི་འཇིག་རྟེན་འདིར། །ཕྱག་ཆེན་ལྟ་བ་བཀྲ་བའི་ཚེ། །
བདེ་སྟོང་སྣང་བར་ངོ་ཤེས་སམ། །
ཚུལ་འཆོས་ཚང་ཚིང་ཐུམ་པོའི་ཁྲོད། །
དོན་མེད་རི་ལ་མི་འཆོང་བར། །
ལྷ་ཆོས་ཉིད་ལ་བརྩོན་ཤེས་སམ། །
མདོ་ཁམས་གངས་རི་བུ་ཕྲུག་ཁྱོད། །
ཐོས་བསམ་སྙིང་པོ་མ་བསྒོམ་ན། །
ཟུང་འཇུག་ལམ་ཀུན་ཤེས་ན་ཡང་། །
ཉམས་རྟོགས་ཉི་མ་ཤར་སྲིད་དམ། །
གོང་མའི་རྣམ་ཐར་དྲན་བཞིན་དུ། །
འདུ་འཛིན་གྲོང་དུ་མི་འཁྱམ་པ། །
ཚེ་སྨད་སྤྱོད་ལམ་ཅི་བྱས་ཀྱང་། །
སྒོམ་པའི་ལམ་དུ་འཇུག་ཤེས་སམ །
མནར་མེད་མེ་འུར་ཐབ་ཁུང་དུ། །
ཕུང་པོ་སྲེག་ཀྱང་སླར་ཡང་སོས། །
མེ་སྨན་གྱུར་བ་མ་ཡིན་ཏེ། །
སྲོག་གཅོད་ལས་ངན་སྨིན་པ་ཡིན། །
གྲང་ངར་སྡུག་དགུ་མྱོང་ཁྲོད་དུ། །
ལུས་འདི་གས་ཀྱང་སླར་ཡང་སོས། །
གྲང་དྲོད་འགྱུར་བ་མ་ཡིན་ཏེ། །
གནོད་སེམས་ལས་ངན་སྨིན་པ་ཡིན། །
ཕ་གི་བཀྲེས་སྒོམ་གྲོང་ཁྱེར་དུ། །
ཟས་མང་ཟོས་ཀྱང་གསུས་པ་ལྟོགས། །
ཡི་དྭགས་གསུས་པ་མི་ཆེ་སྟེ། །
སེར་སྣ་ལས་ངན་སྨིན་པ་ཡིན། །
ཕུན་ཚོགས་འདུ་བྱེད་སོན་ན་ཡང་། །
རྩྭ་རྩི་ཟིལ་བ་ལྟར་མཁྱེན་ནས། །
སྙིང་མེད་བསམ་བློ་མྱུར་སྐྱེས་དེ། །
སྦྱིན་སེསམ་བརྩོན་ཞིག་ཕ་བཟང་བུ། །
མ་གི་དུད་འགྲོའི་གླིང་གསེབ་དུ། །འདུ་འཛིན་གྲོང་དུ་མི་འཁྱམ་པ། །
ཚེ་སྨད་སྤྱོད་ལམ་ཅི་བྱས་ཀྱང་། །
སྒོམ་པའི་ལམ་དུ་འཇུག་ཤེས་སམ །
མནར་མེད་མེ་འུར་ཐབ་ཁུང་དུ། །
ཕུང་པོ་སྲེག་ཀྱང་སླར་ཡང་སོས། །
མེ་སྨན་གྱུར་བ་མ་ཡིན་ཏེ། །
སྲོག་གཅོད་ལས་ངན་སྨིན་པ་ཡིན། །
གྲང་ངར་སྡུག་དགུ་མྱོང་ཁྲོད་དུ། །
ལུས་འདི་གས་ཀྱང་སླར་ཡང་སོས། །
གྲང་དྲོད་འགྱུར་བ་མ་ཡིན་ཏེ། །
གནོད་སེམས་ལས་ངན་སྨིན་པ་ཡིན། །
ཕ་གི་བཀྲེས་སྒོམ་གྲོང་ཁྱེར་དུ། །
ཟས་མང་ཟོས་ཀྱང་གསུས་པ་ལྟོགས། །
ཡི་དྭགས་གསུས་པ་མི་ཆེ་སྟེ། །
སེར་སྣ་ལས་ངན་སྨིན་པ་ཡིན། །
ཕུན་ཚོགས་འདུ་བྱེད་སོན་ན་ཡང་། །
རྩྭ་རྩི་ཟིལ་བ་ལྟར་མཁྱེན་ནས། །
སྙིང་མེད་བསམ་བློ་མྱུར་སྐྱེས་དེ། །
སྦྱིན་སེསམ་བརྩོན་ཞིག་ཕ་བཟང་བུ། །
སྡུག་བསྔལ་ཚོར་བ་མྱོང་ཞིང་བརྗེད། །
དུད་འགྲོ་བརྗེད་འདོད་མ་ཡིན་ཏེ། །
གཏི་མུག་གོམས་འདྲེས་སྨིན་པ་ཡིན། །
སྒྱུ་མ་ཟློར་གར་ལྟད་མོ་ལས། །དུད་འགྲོ་བརྗེད་འདོད་མ་ཡིན་ཏེ། །
གཏི་མུག་གོམས་འདྲེས་སྨིན་པ་ཡིན། །
སྐྱིད་སྡུག་སྣང་བར་ཞེན་པ་དང་།
གཏི་མུག་བྱ་བ་ཀུན་སྤངས་ནས། །
སྒོམ་སྒྲུབ་བརྩོན་ཞིག་ཕ་བཟང་བུ། །
གཏི་མུག་བྱ་བ་ཀུན་སྤངས་ནས། །
སྒོམ་སྒྲུབ་བརྩོན་ཞིག་ཕ་བཟང་བུ། །
དགའ་ལྡན་ལྷ་ཡི་ཞིང་མཆོག་ཏུ། །
འབྲུ་བཏབ་འབྲས་བུ་ལ་སང་སྨིན། །
སོ་ནམ་མཁས་རྟགས་མ་ཡིན་ཏེ། །
སྦྱིན་བཏང་འབྲས་བུ་སྨིན་པ་ཡིན། །
མངའ་ཐང་ཕྱུག་པའི་རྒྱལ་པོ་དང་། །
ངེས་མེད་འཁྱམ་པའི་སྤྲང་པོ་གཉིས། །
བདེ་སྡུག་ཚོར་བ་མཉམ་པའི་ཚུལ། །
སྨར་པའི་མན་ངག་ཉམས་སུ་ལོངས། །
ཡ་གི་ལྷ་མིན་གྲོང་ཁྱེར་དུ། །
འཆི་དུས་ཉིན་མོར་སླར་ཡང་སོས། །
རྫུན་གྱིས་སོས་པ་མ་ཡིན་ཏེ། །
འཐབ་རྩོད་ལས་ངན་སྨིན་པ་ཡིན།
མི་ཡུལ་སྲིད་པའི་རྒྱ་མཚོ་འདིར། །འབྲུ་བཏབ་འབྲས་བུ་ལ་སང་སྨིན། །
སོ་ནམ་མཁས་རྟགས་མ་ཡིན་ཏེ། །
སྦྱིན་བཏང་འབྲས་བུ་སྨིན་པ་ཡིན། །
མངའ་ཐང་ཕྱུག་པའི་རྒྱལ་པོ་དང་། །
ངེས་མེད་འཁྱམ་པའི་སྤྲང་པོ་གཉིས། །
བདེ་སྡུག་ཚོར་བ་མཉམ་པའི་ཚུལ། །
སྨར་པའི་མན་ངག་ཉམས་སུ་ལོངས། །
ཡ་གི་ལྷ་མིན་གྲོང་ཁྱེར་དུ། །
འཆི་དུས་ཉིན་མོར་སླར་ཡང་སོས། །
རྫུན་གྱིས་སོས་པ་མ་ཡིན་ཏེ། །
འཐབ་རྩོད་ལས་ངན་སྨིན་པ་ཡིན།
སྐྱེ་འཆིའི་འཁོར་ལོ་ཡང་ཡང་བསྐོར། །
སྤྱང་གྲུང་མི་འདང་མ་ཡིན་ཏེ། །
ལེ་ལོར་གོམས་པའི་རྣམ་སྨིན་ཡིན།
རྩོད་དུས་རྐང་གཉིས་བུ་ཕྲུག་ཁྱོད། །
ཆབ་སྲིད་གཏམ་ལ་ཡིད་ཆེས་དང་། །
རང་སེམས་ལམ་ལོག་མི་ཤོར་བར། །
གཉིས་ཕན་ཆོས་ལ་ནན་དུ་འབུངས། །
རང་སེམས་རང་ལ་ཚུལ་བལྟས་ནས། །སྤྱང་གྲུང་མི་འདང་མ་ཡིན་ཏེ། །
ལེ་ལོར་གོམས་པའི་རྣམ་སྨིན་ཡིན།
རྩོད་དུས་རྐང་གཉིས་བུ་ཕྲུག་ཁྱོད། །
ཆབ་སྲིད་གཏམ་ལ་ཡིད་ཆེས་དང་། །
རང་སེམས་ལམ་ལོག་མི་ཤོར་བར། །
གཉིས་ཕན་ཆོས་ལ་ནན་དུ་འབུངས། །
ཚུལ་གསུམ་མདའ་མོ་འཕེན་པའི་ཚེ། །
ཆགས་སྡང་ཐོ་ཡོར་འབིག་པ་དང་། །
དགེ་སྐུལ་འདུག་ན་དེ་བཞིན་གྱིས། །
གུང་ཐང་རས་ཆུང་སྐྱེས་འཛིན་པ། །
འགྲོ་མགོན་གངས་རི་ཀརྨ་ཡི། །
གྲས་མཐར་ཆུད་པའི་བྷུ་སུ་ཀུའི །
དོན་སྙིང་ལྷ་ཆོས་མ་བརྗེད་ཨང་། །
ཞེས་རང་སེམས་ལ་བླང་དོར་ལེགས་ཉེས་འབྱེད་པའི་ནན་བསྐུལ་གྱི་མགུར་འདི་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༡༡་ཟླ་༩་ཚེས་༡༥་ལ་དབྱིན་ལེན་གྱི་བྱང་ཕྱོགས་རྦུ་རེན་ཐེན་དུ་བྲིས་སོ། །བསྐལ་ལྡན་གྱི་སེམས་ཅན་ཀུན་ལ་ཕན་པའི་རྒྱུར་གྱུར་ཅིག །