ཨོཾ་སྭ་སྟི། །
མི་འགྱུར་གནས་མཆོག་ཆོས་དབྱིངས་ཕོ་བྲང་ནས། །
སྐུ་གསུམ་དབྱེར་མེད་དྲུག་པ་རྡོ་རྗེ་འཆང་། །
རྒྱལ་སྲས་ཐབས་དང་ཤེས་རབ་འཁོར་རྣམས་ལ། །
ཐེག་ཆེན་ཆོས་ཀྱིས་ཚིམ་མཛད་ཕྱག་འཚལ་ལོ། །
རྒྱལ་བའི་ལུང་བསྟན་མཚུངས་མེད་ཏེེ་ལོ་པ། །
ངོ་མཚར་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །
གདུལ་བྱ་གྲངས་མེད་ཚེ་གཅིག་ལམ་དུ་བཀོད། །
ཆོས་རྗེ་གཉིས་པ་ཁྱོད་ལ་ཕྱག་འཚལ་ལོ། །
རྣལ་འབྱོར་དབང་ཕྱུག་མཉམ་མེད་ནྰ་རོ་པ། །
ཏེེ་ལོའི་བྱིན་རླབས་གཉིས་མེད་ཆོས་སྐུར་གྱུར། །
གཞན་དོན་སྤྲུལ་པས་བྱང་ཕྱོགས་སྒོ་སྲུང་མཛད། །
ཡེ་ཤེས་དངོས་གྲུབ་སྐུ་ལ་ཕྱག་འཚལ་ལོ། །
སྨག་རུམ་ཁ་བ་ཅན་དུ་གསལ་བྱེད་སྒྲོན། །
ཆོས་ཀྱི་བློ་གྲོས་འགྲོ་དྲུག་དཔལ་དུ་བྱོན། །
གསང་ཆེ་ཐབས་ཀྱིས་གདུལ་བྱ་སྨིན་གྲོལ་མཛད། །
རྗེ་བཙུན་ལྷོ་བྲག་པ་ལ་ཕྱག་འཚལ་ལོ། །
ཚོགས་གཉིས་རབ་རྫོགས་རྡོ་རྗེའི་སྐུ་བརྙེས་ཤིང་། །
སྒྲུབ་པའི་རྒྱལ་མཚན་དངོས་གྲུབ་མ་ལུས་རྫོགས། །
སྙན་པའི་བ་དན་སྲིད་པ་གསུམ་དུ་ཁྱབ། །
མཚན་མཆོག་དོན་ལྡན་སྐུ་ལ་ཕྱག་འཚལ་ལོ། །
བདེ་ཆེན་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །
གདུལ་བྱའི་ཆེད་དུ་སྤྲུལ་པའི་སྐུ་སྟོན་པའི། །
འགྲོ་བའི་འདྲེན་མཆོག་སྐྱབས་ཀྱི་རྗེ། །
བླ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །
ཐུབ་པས་ལུང་བསྟན་ཁ་བ་ཅན་ལྗོངས་སུ། །
དུས་གསུམ་བདེ་གཤེགས་ཐུགས་རྗེ་ཆེན་པོ་ཉིད། །
གཞན་སྣང་སྤྲུལ་སྐུ་ཆོས་ཉིད་ངང་དུ་མཇལ། །
རྗེ་བཙུན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །
གདུལ་བྱའི་སྤྱི་ཐུན་དབང་གི་རྒྱལ་པོ་མཆོག །
སྒྲིབ་པའི་གཡའ་བྲལ་རིན་ཆེན་ཆོས་ཀྱི་སྐུ། །
མཆོག་དང་ཐུན་མོང་ཡིད་བཞིན་རེ་བ་སྐོང་། །
རྗེ་བཙུན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །
གང་གིས་ཁྱེད་ལ་དུས་གསུམ་གསོལ་འདེབས་ན། །
གཉིས་འཛིན་སྤྲིན་ཚོགས་དབྱིངས་སུ་ཡལ་བ་དང་། །
རྟོགས་པ་གཅིག་གིས་སྲིད་ལས་ཐར་མཛད་པའི། །
གཞན་དོན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །
མཉམ་མེད་སྤྲུལ་སྐུ་བདུན་གྱི་ཡོན་ཏན་ལ། །
རྣལ་འབྱོར་དད་པའི་ཡིད་ཀྱིས་ཅུང་ཟད་བསྟོད། །
དེ་ལས་བྱུང་བའི་བསོད་ནམས་རྒྱ་ཆེན་གྱིས། །
འགྲོ་རྣམས་བྱང་ཆུབ་ཆེན་པོ་ཐོབ་པར་ཤོག །
བདག་ཀྱང་སངས་རྒྱས་མི་བསྐྱོད་རྒྱལ་པོ་ཡི། །
ཞིང་ཁམས་སྙིང་པོ་མེ་ཏོག་མདངས་ལྡན་དེར། །
འདྲེན་པ་བློ་གྲོས་དྲི་མེད་ཞབས་དྲུང་དུ། །
དོན་གཉིས་འཇའ་ལུས་སྐུ་ཐོབ་པར་ཤོག །
ཅེས་སྤྲུལ་སྐུ་བདུན་གྱི་ཡོན་ཏན་ལ་བན་སྤྲང་ཤེས་རབ་ཡེ་ཤེས་ཀྱིས་བསྟོད་པ་རྫོགས་སོ། །
མི་འགྱུར་གནས་མཆོག་ཆོས་དབྱིངས་ཕོ་བྲང་ནས། །
སྐུ་གསུམ་དབྱེར་མེད་དྲུག་པ་རྡོ་རྗེ་འཆང་། །
རྒྱལ་སྲས་ཐབས་དང་ཤེས་རབ་འཁོར་རྣམས་ལ། །
ཐེག་ཆེན་ཆོས་ཀྱིས་ཚིམ་མཛད་ཕྱག་འཚལ་ལོ། །
རྒྱལ་བའི་ལུང་བསྟན་མཚུངས་མེད་ཏེེ་ལོ་པ། །
ངོ་མཚར་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །
གདུལ་བྱ་གྲངས་མེད་ཚེ་གཅིག་ལམ་དུ་བཀོད། །
ཆོས་རྗེ་གཉིས་པ་ཁྱོད་ལ་ཕྱག་འཚལ་ལོ། །
རྣལ་འབྱོར་དབང་ཕྱུག་མཉམ་མེད་ནྰ་རོ་པ། །
ཏེེ་ལོའི་བྱིན་རླབས་གཉིས་མེད་ཆོས་སྐུར་གྱུར། །
གཞན་དོན་སྤྲུལ་པས་བྱང་ཕྱོགས་སྒོ་སྲུང་མཛད། །
ཡེ་ཤེས་དངོས་གྲུབ་སྐུ་ལ་ཕྱག་འཚལ་ལོ། །
སྨག་རུམ་ཁ་བ་ཅན་དུ་གསལ་བྱེད་སྒྲོན། །
ཆོས་ཀྱི་བློ་གྲོས་འགྲོ་དྲུག་དཔལ་དུ་བྱོན། །
གསང་ཆེ་ཐབས་ཀྱིས་གདུལ་བྱ་སྨིན་གྲོལ་མཛད། །
རྗེ་བཙུན་ལྷོ་བྲག་པ་ལ་ཕྱག་འཚལ་ལོ། །
ཚོགས་གཉིས་རབ་རྫོགས་རྡོ་རྗེའི་སྐུ་བརྙེས་ཤིང་། །
སྒྲུབ་པའི་རྒྱལ་མཚན་དངོས་གྲུབ་མ་ལུས་རྫོགས། །
སྙན་པའི་བ་དན་སྲིད་པ་གསུམ་དུ་ཁྱབ། །
མཚན་མཆོག་དོན་ལྡན་སྐུ་ལ་ཕྱག་འཚལ་ལོ། །
བདེ་ཆེན་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །
གདུལ་བྱའི་ཆེད་དུ་སྤྲུལ་པའི་སྐུ་སྟོན་པའི། །
འགྲོ་བའི་འདྲེན་མཆོག་སྐྱབས་ཀྱི་རྗེ། །
བླ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །
ཐུབ་པས་ལུང་བསྟན་ཁ་བ་ཅན་ལྗོངས་སུ། །
དུས་གསུམ་བདེ་གཤེགས་ཐུགས་རྗེ་ཆེན་པོ་ཉིད། །
གཞན་སྣང་སྤྲུལ་སྐུ་ཆོས་ཉིད་ངང་དུ་མཇལ། །
རྗེ་བཙུན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །
གདུལ་བྱའི་སྤྱི་ཐུན་དབང་གི་རྒྱལ་པོ་མཆོག །
སྒྲིབ་པའི་གཡའ་བྲལ་རིན་ཆེན་ཆོས་ཀྱི་སྐུ། །
མཆོག་དང་ཐུན་མོང་ཡིད་བཞིན་རེ་བ་སྐོང་། །
རྗེ་བཙུན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །
གང་གིས་ཁྱེད་ལ་དུས་གསུམ་གསོལ་འདེབས་ན། །
གཉིས་འཛིན་སྤྲིན་ཚོགས་དབྱིངས་སུ་ཡལ་བ་དང་། །
རྟོགས་པ་གཅིག་གིས་སྲིད་ལས་ཐར་མཛད་པའི། །
གཞན་དོན་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །
མཉམ་མེད་སྤྲུལ་སྐུ་བདུན་གྱི་ཡོན་ཏན་ལ། །
རྣལ་འབྱོར་དད་པའི་ཡིད་ཀྱིས་ཅུང་ཟད་བསྟོད། །
དེ་ལས་བྱུང་བའི་བསོད་ནམས་རྒྱ་ཆེན་གྱིས། །
འགྲོ་རྣམས་བྱང་ཆུབ་ཆེན་པོ་ཐོབ་པར་ཤོག །
བདག་ཀྱང་སངས་རྒྱས་མི་བསྐྱོད་རྒྱལ་པོ་ཡི། །
ཞིང་ཁམས་སྙིང་པོ་མེ་ཏོག་མདངས་ལྡན་དེར། །
འདྲེན་པ་བློ་གྲོས་དྲི་མེད་ཞབས་དྲུང་དུ། །
དོན་གཉིས་འཇའ་ལུས་སྐུ་ཐོབ་པར་ཤོག །
ཅེས་སྤྲུལ་སྐུ་བདུན་གྱི་ཡོན་ཏན་ལ་བན་སྤྲང་ཤེས་རབ་ཡེ་ཤེས་ཀྱིས་བསྟོད་པ་རྫོགས་སོ། །
ཉམས་མྱོང་རྟོགས་པ་རྙེད་པའི་མགུར།
ཨོཾ་སྭ་སྟི། །
སྔོན་འཁོར་བ་ཐོག་མ་མེད་པ་ནས། །
ཆོས་ཟབ་མོ་འདི་དང་འཕྲད་མ་མྱོང་། །
དུས་རིང་པོ་ཅིག་ལ་འཁོར་བར་འཁྱམ། །
ད་ལན་བླ་མས་ཐུགས་རྗེས་བཟུང་། །
བཀའ་དྲིན་ལན་གྱིས་འཁོར་ཐབས་མེད། །
དུས་ད་ནས་བཟུང་སྟེ་བྱང་ཆུབ་བར། །
རྗེ་རྣལ་འབྱོར་སྤྱི་གཙུག་རྒྱན་དུ་བཞུགས། །
བུས་མོས་གུས་སྒྲུབ་པའི་མཆོད་པ་འབུལ། །
རྒྱུད་སྡེ་བཞི་ཡི་སྙིང་པོ་མཆོག །
ཟུང་འཇུག་བློ་ལས་འདས་པའི་དོན། །
དུས་གསུམ་སངས་རྒྱས་དགོངས་པ་དེ། །
རྡོ་རྗེ་འཆང་གི་གསུང་ལས་རྙེད། །
ལས་ཅན་དབང་པོ་ཡང་རབ་རྣམས། །
ཚེ་གཅིག་ལུས་གཅིག་སངས་རྒྱས་པའི། །
རྡོ་རྗེ་སེམས་དཔའི་ཉེ་ལམ་དེ། །
སྤྲུལ་སྐུ་ཏེེ་ལོའི་གསུང་ལས་རྙེད། །
མོས་གུས་ནམ་མཁའ་དྭངས་མ་ལ། །
བྱིན་རླབས་ཉི་མ་ཤར་བ་དང་། །
ཚེ་གཅིག་མཆོག་གི་དངོས་གྲུབ་དེ། །
སྤྲུལ་སྐུ་ནྰ་རོའི་གསུང་ལས་རྙེད། །
གྲུབ་ཐོབ་མང་པོའི་གཤེགས་ཤུལ་དུ །
ཆུ་བོ་རྒྱུན་གྱི་རྣལ་འབྱོར་ངས། །
ཉིན་མཚན་ཐ་མལ་མེད་པ་དེ། །
མར་པ་ལོ་ཙྭའི་གསུང་ལས་རྙེད། །
བྱིན་རླབས་སྙན་བརྒྱུད་གསེར་སྒྱུར་གྱིས། །
དུག་ལྔ་སྨན་དུ་བསྒྱུར་བ་དང་། །
ཉམས་མྱོང་དབྱིངས་སུ་ལེན་པ་དེ། །
མི་ལ་རས་པའི་གསུང་ལས་རྙེད། །
ལྟོས་པ་གསུམ་བྲལ་རི་དགོན་བསྟེན། །
སྤངས་ཐོབ་གཉིས་དང་བྲལ་བ་ཡི། །
གཉུག་མ་རང་གྲོལ་རྣལ་འབྱོར་དེ། །
དྭགས་པོ་ལྷ་རྗེའི་གསུང་ལས་རྙེད། །
སྐྱེས་མེད་ངང་དུ་དྲན་པ་ཡལ། །
སྙམ་བྲལ་སེམས་ཉིད་ཆོས་སྐུར་རྟོགས། །
འཁོར་འདས་ཤ་མཐངས་ཕྱེད་པ་དེ། །
མཚུངས་མེད་བླ་མའི་གསུང་ལས་རྙེད། །
དབྱངས་ཅིག་ལེན་དང་གླུ་ལེན་གྱིས། །
རི་ཁྲོད་གྲིམས་པའི་རྣལ་འབྱོར་དང་། །
ཉམས་མྱོང་སྐྱོང་བའི་སྒོམ་ཆེན་ལ། །
སྙིང་གཏམ་ཚིག་ཏུ་བརྗོད་པ་ཡིན། །
ཟུང་འཇུག་བརྗོད་ལས་འདས་པ་ཡི། །
གཡེང་མེད་ཉིན་མོའི་རྣལ་འབྱོར་དེ། །
ཁ་ལྟ་སྙན་ལ་མ་ཤོར་ཞིག །
བུ་རབ་ཚང་ལ་མི་སྙན་འཚལ། །
འོད་གསལ་མཐའ་དབུས་མེད་པ་ཡི། །
རྟོག་བྲལ་མཚན་མོའི་རྣལ་འབྱོར་དེ། །
འབྱམས་བཞིའི་གཡང་ལ་མ་ཤོར་ཞིག། །
སྟོང་གསལ་ཉམས་ཀྱིས་མ་བསླུས་འཚལ། །
ཐུན་འཚམས་རྗེས་ཀྱི་བྱ་བ་དེ། །
བྱང་ཆུབ་གཞན་གྱི་དོན་བྱེད་ནས། །
གཞན་འདོད་ནུས་མཐུ་བཙལ་བ་ཡི། ''
རྣལ་འབྱོར་གྲོང་དུ་མ་ཤོར་འཚལ། །
བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་གསུངས་ལ་ཉམས་མྱོང་དང་རྟོགས་པ་རྙེད་པའི་དབྱངས་རྫོགས་སོ།
ངོ་སྤྲོད་བཅུ་གཅིག་གི་མགུར།
སྔོན་འཁོར་བ་ཐོག་མ་མེད་པ་ནས། །
ཆོས་ཟབ་མོ་འདི་དང་འཕྲད་མ་མྱོང་། །
དུས་རིང་པོ་ཅིག་ལ་འཁོར་བར་འཁྱམ། །
ད་ལན་བླ་མས་ཐུགས་རྗེས་བཟུང་། །
བཀའ་དྲིན་ལན་གྱིས་འཁོར་ཐབས་མེད། །
དུས་ད་ནས་བཟུང་སྟེ་བྱང་ཆུབ་བར། །
རྗེ་རྣལ་འབྱོར་སྤྱི་གཙུག་རྒྱན་དུ་བཞུགས། །
བུས་མོས་གུས་སྒྲུབ་པའི་མཆོད་པ་འབུལ། །
རྒྱུད་སྡེ་བཞི་ཡི་སྙིང་པོ་མཆོག །
ཟུང་འཇུག་བློ་ལས་འདས་པའི་དོན། །
དུས་གསུམ་སངས་རྒྱས་དགོངས་པ་དེ། །
རྡོ་རྗེ་འཆང་གི་གསུང་ལས་རྙེད། །
ལས་ཅན་དབང་པོ་ཡང་རབ་རྣམས། །
ཚེ་གཅིག་ལུས་གཅིག་སངས་རྒྱས་པའི། །
རྡོ་རྗེ་སེམས་དཔའི་ཉེ་ལམ་དེ། །
སྤྲུལ་སྐུ་ཏེེ་ལོའི་གསུང་ལས་རྙེད། །
མོས་གུས་ནམ་མཁའ་དྭངས་མ་ལ། །
བྱིན་རླབས་ཉི་མ་ཤར་བ་དང་། །
ཚེ་གཅིག་མཆོག་གི་དངོས་གྲུབ་དེ། །
སྤྲུལ་སྐུ་ནྰ་རོའི་གསུང་ལས་རྙེད། །
གྲུབ་ཐོབ་མང་པོའི་གཤེགས་ཤུལ་དུ །
ཆུ་བོ་རྒྱུན་གྱི་རྣལ་འབྱོར་ངས། །
ཉིན་མཚན་ཐ་མལ་མེད་པ་དེ། །
མར་པ་ལོ་ཙྭའི་གསུང་ལས་རྙེད། །
བྱིན་རླབས་སྙན་བརྒྱུད་གསེར་སྒྱུར་གྱིས། །
དུག་ལྔ་སྨན་དུ་བསྒྱུར་བ་དང་། །
ཉམས་མྱོང་དབྱིངས་སུ་ལེན་པ་དེ། །
མི་ལ་རས་པའི་གསུང་ལས་རྙེད། །
ལྟོས་པ་གསུམ་བྲལ་རི་དགོན་བསྟེན། །
སྤངས་ཐོབ་གཉིས་དང་བྲལ་བ་ཡི། །
གཉུག་མ་རང་གྲོལ་རྣལ་འབྱོར་དེ། །
དྭགས་པོ་ལྷ་རྗེའི་གསུང་ལས་རྙེད། །
སྐྱེས་མེད་ངང་དུ་དྲན་པ་ཡལ། །
སྙམ་བྲལ་སེམས་ཉིད་ཆོས་སྐུར་རྟོགས། །
འཁོར་འདས་ཤ་མཐངས་ཕྱེད་པ་དེ། །
མཚུངས་མེད་བླ་མའི་གསུང་ལས་རྙེད། །
དབྱངས་ཅིག་ལེན་དང་གླུ་ལེན་གྱིས། །
རི་ཁྲོད་གྲིམས་པའི་རྣལ་འབྱོར་དང་། །
ཉམས་མྱོང་སྐྱོང་བའི་སྒོམ་ཆེན་ལ། །
སྙིང་གཏམ་ཚིག་ཏུ་བརྗོད་པ་ཡིན། །
ཟུང་འཇུག་བརྗོད་ལས་འདས་པ་ཡི། །
གཡེང་མེད་ཉིན་མོའི་རྣལ་འབྱོར་དེ། །
ཁ་ལྟ་སྙན་ལ་མ་ཤོར་ཞིག །
བུ་རབ་ཚང་ལ་མི་སྙན་འཚལ། །
འོད་གསལ་མཐའ་དབུས་མེད་པ་ཡི། །
རྟོག་བྲལ་མཚན་མོའི་རྣལ་འབྱོར་དེ། །
འབྱམས་བཞིའི་གཡང་ལ་མ་ཤོར་ཞིག། །
སྟོང་གསལ་ཉམས་ཀྱིས་མ་བསླུས་འཚལ། །
ཐུན་འཚམས་རྗེས་ཀྱི་བྱ་བ་དེ། །
བྱང་ཆུབ་གཞན་གྱི་དོན་བྱེད་ནས། །
གཞན་འདོད་ནུས་མཐུ་བཙལ་བ་ཡི། ''
རྣལ་འབྱོར་གྲོང་དུ་མ་ཤོར་འཚལ། །
བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་གསུངས་ལ་ཉམས་མྱོང་དང་རྟོགས་པ་རྙེད་པའི་དབྱངས་རྫོགས་སོ།
ངོ་སྤྲོད་བཅུ་གཅིག་གི་མགུར།
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །
ཐུགས་གཉིས་མེད་པའི་ཡེ་ཤེས་དེ། །
གཞན་སྣང་བཀའ་བརྒྱུད་བླ་མར་བྱོན། །
ལས་ཅན་གདུལ་བྱ་སྨིན་གྲོལ་མཛད། །
རིགས་ལྡན་སྐྱེས་བུ་དམ་པ་རྣམས། །
མོས་གུས་ཚད་དུ་ཕྱིན་པའི་དུས། །
རྩ་བ་རང་སེམས་རྟོགས་གྱུར་ན། །
སྣང་སེམས་གཉིས་མེད་བླ་མར་ཤར། །
ནམ་མཁའ་བར་སྣང་དག་པ་ལ། །
ཕྱོགས་ཆ་ངོས་བཟུང་མེད་པ་དེ། །
རང་གསལ་འཛིན་མེད་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
གཏིང་མཐའ་མེད་པའི་རྒྱ་མཚོ་ལ། །
ཆུ་འུར་འབྱུང་ཞིང་ཐིམ་པ་དེ། །
རྟོགས་པ་གློ་བུར་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
ནམ་མཁའ་མཐའ་དབུས་མེད་པ་ལ། །
སྤྲིན་ཚོགས་རང་སར་དག་པ་དེ། །
མཐར་ཐུགས་ཆོས་སྐུ་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
གསལ་བྱེད་ཉི་མ་ཤར་ཙམ་གྱིས། །
མུན་པ་རང་སར་དག་པ་དེ། །
མ་རིག་འོད་གསལ་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
ཤེལ་དང་མེ་ལོང་དག་པ་ཡི། །
ནང་དུ་གཟུགས་རྙན་གསལ་བ་དེ། །
སྣང་བ་སེམས་སུ་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
འཁོར་གསུམ་རྣམ་པར་མི་རྟོགས་པ། །
སྐྱེས་མེད་དྲན་པའི་རྒྱལ་པོ་དེ། །
སེམས་ཉིད་གཉུག་མར་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
འཇའ་ཚོན་ཁ་དོག་གསལ་བའི་ཚེ་། །
སྣང་ལ་རང་བཞིན་མེད་པ་དེ། །
སྐྱོན་སྣང་རང་གྲོལ་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
མཚོ་ལ་ཁ་བ་བབ་པའི་ཚེ། །
དྲན་རྟོག་སྣང་ཚོགས་བྱུང་བ་དེ། །
ཆོས་ཉིད་དབྱིངས་སུ་ངོ་སྤྲོད་པའི། །
གཞི་རྩ་བྲལ་བར་གོ་ལགས་སམ་། །
རྨི་ལམ་ཉམས་སུ་མྱོང་བའི་དུས། །
རིག་པ་ངང་དུ་བཞག་པ་དེ། །
བར་དོ་རབ་འབྲིང་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
ནམ་མཁས་ནམ་མཁའ་མཐོང་བ་དང། །
འུར་གྱིས་ཧྲིལ་གྱིས་དྲིལ་བ་དེ། །
སྤང་ཐོབ་མེད་པར་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
སྣང་སྲིད་འཁོར་འདས་མ་ལུས་ཀུན། །
བཙལ་ན་རྙེད་རྒྱུ་མེད་པ་དེ། །
ངོ་བོ་རང་སྟོང་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
ངོ་སྤྲོད་བཅུ་གཅིག་ཞལ་གདམས་འདི། །
སྤྲུལ་སྐུ་བདུན་གྱི་སྙན་ནས་བརྒྱུད། །
མཁས་ཆུང་ངེད་ཀྱིས་ཚིག་ཏུ་བསྡེབས། །
གོ་བ་རྣམས་ཀྱི་གདམས་ངག་མཛོད། །ཅེས་ཆོས་ཀྱི་རྒྱལ་པོ་སྨར་པ་ཤེས་རབ་ཡེ་ཤེས་དཔལ་བཟང་པོ་མཆོག་གི་ཉམས་མགུར་འདིའི་བདག་དབང་སྨར་ཚང་ལས་ཁུངས་ལ་ཡོད་པས་ཕབ་བཤུ་མི་ཆོག་པར་མཁྱེན།
ཐུགས་གཉིས་མེད་པའི་ཡེ་ཤེས་དེ། །
གཞན་སྣང་བཀའ་བརྒྱུད་བླ་མར་བྱོན། །
ལས་ཅན་གདུལ་བྱ་སྨིན་གྲོལ་མཛད། །
རིགས་ལྡན་སྐྱེས་བུ་དམ་པ་རྣམས། །
མོས་གུས་ཚད་དུ་ཕྱིན་པའི་དུས། །
རྩ་བ་རང་སེམས་རྟོགས་གྱུར་ན། །
སྣང་སེམས་གཉིས་མེད་བླ་མར་ཤར། །
ནམ་མཁའ་བར་སྣང་དག་པ་ལ། །
ཕྱོགས་ཆ་ངོས་བཟུང་མེད་པ་དེ། །
རང་གསལ་འཛིན་མེད་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
གཏིང་མཐའ་མེད་པའི་རྒྱ་མཚོ་ལ། །
ཆུ་འུར་འབྱུང་ཞིང་ཐིམ་པ་དེ། །
རྟོགས་པ་གློ་བུར་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
ནམ་མཁའ་མཐའ་དབུས་མེད་པ་ལ། །
སྤྲིན་ཚོགས་རང་སར་དག་པ་དེ། །
མཐར་ཐུགས་ཆོས་སྐུ་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
གསལ་བྱེད་ཉི་མ་ཤར་ཙམ་གྱིས། །
མུན་པ་རང་སར་དག་པ་དེ། །
མ་རིག་འོད་གསལ་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
ཤེལ་དང་མེ་ལོང་དག་པ་ཡི། །
ནང་དུ་གཟུགས་རྙན་གསལ་བ་དེ། །
སྣང་བ་སེམས་སུ་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
འཁོར་གསུམ་རྣམ་པར་མི་རྟོགས་པ། །
སྐྱེས་མེད་དྲན་པའི་རྒྱལ་པོ་དེ། །
སེམས་ཉིད་གཉུག་མར་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
འཇའ་ཚོན་ཁ་དོག་གསལ་བའི་ཚེ་། །
སྣང་ལ་རང་བཞིན་མེད་པ་དེ། །
སྐྱོན་སྣང་རང་གྲོལ་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
མཚོ་ལ་ཁ་བ་བབ་པའི་ཚེ། །
དྲན་རྟོག་སྣང་ཚོགས་བྱུང་བ་དེ། །
ཆོས་ཉིད་དབྱིངས་སུ་ངོ་སྤྲོད་པའི། །
གཞི་རྩ་བྲལ་བར་གོ་ལགས་སམ་། །
རྨི་ལམ་ཉམས་སུ་མྱོང་བའི་དུས། །
རིག་པ་ངང་དུ་བཞག་པ་དེ། །
བར་དོ་རབ་འབྲིང་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
ནམ་མཁས་ནམ་མཁའ་མཐོང་བ་དང། །
འུར་གྱིས་ཧྲིལ་གྱིས་དྲིལ་བ་དེ། །
སྤང་ཐོབ་མེད་པར་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
སྣང་སྲིད་འཁོར་འདས་མ་ལུས་ཀུན། །
བཙལ་ན་རྙེད་རྒྱུ་མེད་པ་དེ། །
ངོ་བོ་རང་སྟོང་ངོ་སྤྲོད་པའི། །
སློབ་དཔོན་ཡིན་པ་གོ་ལགས་སམ། །
ངོ་སྤྲོད་བཅུ་གཅིག་ཞལ་གདམས་འདི། །
སྤྲུལ་སྐུ་བདུན་གྱི་སྙན་ནས་བརྒྱུད། །
མཁས་ཆུང་ངེད་ཀྱིས་ཚིག་ཏུ་བསྡེབས། །
གོ་བ་རྣམས་ཀྱི་གདམས་ངག་མཛོད། །ཅེས་ཆོས་ཀྱི་རྒྱལ་པོ་སྨར་པ་ཤེས་རབ་ཡེ་ཤེས་དཔལ་བཟང་པོ་མཆོག་གི་ཉམས་མགུར་འདིའི་བདག་དབང་སྨར་ཚང་ལས་ཁུངས་ལ་ཡོད་པས་ཕབ་བཤུ་མི་ཆོག་པར་མཁྱེན།